བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་མི་སྤྱི་དང་ལྷག་པར་ཧྥི་ལ་ཌེལ་ཧྥི་ཡའི་ནང་བོད་དོན་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལགས་ལ་བསྔགས་བརྗོད་གནང་ཞིང་མང་ཚོགས་ལ་བཀའ་སློབ་གནང་བའི་སྐོར་གྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་གི་རེད་།
ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷང་ཁང་གིས་བྱང་ཀོ་རི་ཡའི་ཐོག་དམ་བསྒྲཊ་ཉེས་ཆད་འགེལ་བ་ཁག་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བྷིལ་གྷ་ལོ་ལགས་་ཀྱིས་བཏང་བའི་གནས་ཚུལ་ཞིག་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས་ཡོད།
ཨ་མི་རི་ཀའི་སྲིད་འཛིན་བྷ་ཌན་མཆོག་གིས་གཟའ་ཉི་མའི་ཉིན་མངའ་སྡེ་ཧྥུ་ལོ་རི་ཏ་ནང་མཚོ་རླུང་དྲག་པོ་མིལ་ཐོན་ཞེས་པས་གནོད་སྐྱོན་ཐེབས་སའི་ཡུལ་དངོས་སུ་ཆེད་ཕེབས་གནང་སྟེ་ས་གནས་མི་མང་རྣམས་ལ་ཨ་སྒོར་ས་ཡ་ཕྱེད་ཙམ་གྱི་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅།། ༢༠༢༤ ལོའི་ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་མོར་ ཨ་མི་རི་ཀའི་ཕྱོགས་ཀྱི་བར་སྣང་ལ་ Great North American Eclipse ཞེས་ཉིན་འཛིན་ཆེན་པོ་ཞིག་ཡོང་གི་ཡོད་པ་དེའི་སྐོར་གླེང་མོལ་ཞུས་པ་ཞིག་གསན་གཟིགས་གནང་རོགས།
འཛམ་གླིང་ནང་མི་མང་པོས་སྤྲུལ་རིགས་ལ་ལྟ་སྟངས་མི་ལེགས་པ་ཞིག་ཡོད་མོད། འོན་ཀྱང་། སྲོག་ཆགས་དེ་རིགས་ཀྱིས་བྱི་བ་དང་འབུ་སྲིན་འདྲ་མིན་མང་པོ་ཟ་བཞིན་ཡོད་པ་དེས་ཞིང་པའི་ལོ་ཏོག་དང་ས་གནས་ཀྱི་རྩི་ཤིང་ཁག་སྲུང་སྐྱོབ་བྱེད་མཁན་ཕན་ཐོག་ཆེ་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པའི་སྐོར་།
༄༅། ཨོ་སི་ཀྲོ་ལི་ཡའི་ནང་འདོད་མའི་མི་རིགས་ཀྱི་མི་མང་ཚོའི་གནས་སྟངས་ལ་ ཁྲིམས་ཐོག་ནས་འགྱུར་བ་ཞིག་ཡོང་རྒྱུ་དང་། །ཟླ་བ་རྗེས་མའི་འོས་བསྡུའི་ནང་ཁོང་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར་གང་མང་ཐོབ་ཐབས་སུ་དེ་རིང་ནས་ལས་འགུལ་འགོ་འཛུགས་བྱས་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འདི་ཟླའི་ཚེས་༩ དང་ ༡༠ ཉིན་ G ༢༠འི་ཚོགས་ཆེན་གཙོ་སྐྱོང་ཐོག་རྒྱ་གར་གཞུང་གིས་ཚོགས་གཙོའི་ གོ་གནས་དེ་རྦྲ་ཛིལ་སྲིད་འཛིན་ལ་རྩིས་སྤྲོད་བྱས་ཏེ་ ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བྱུང་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད་།
༄༅།། གླིང་ཆེན་ཨ་ཧྥི་རི་ཀའི་རྒྱལ་ཁབ་ན་ཇཱི་རི་ཡའི་ཨོན་དྷོ་གྲོང་ཁྱེར་དུ་རེས་གཟའ་ཉི་མའི་ཉིན་ཡེ་ཤུའི་ལྷ་ཁང་ཞིག་ཏུ་ས་གནས་མི་མང་གིས་ཕྱག་མཆོད་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པའི་སྐབས་དེར་མེ་མདའ་ཐོགས་པའི་མི་ཁག་ཅིག་གིས་གློ་བུར་དུ་མེ་མདའ་བརྒྱབ་ནས་ཉུང་མཐར་ཡང་མི་༥༠་བསད་འདུག་པའི་སྐོར།
༄༅།། ད་ལོའི་ཕྱི་ཟླ་༣་དང་༤་པ་གཉིས་ལ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་ཚ་གདུག་འཕྱུར་ནས་མི་༩༠་ལ་སྲོག་སྐྱོན། དེ་བཞིན་ལོ་ཉེས་བྱུང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རྣམས་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར།
༄༅།། དེ་རིང་གཟའ་ཟླ་བའི་ཉིན་མོར་ཧྥི་ལི་ཕིན་གྱི་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། ཧྥི་ལི་ཕིན་གྱི་སྲིད་དབང་སྒེར་གཅོད་པ་ཟུར་པ་མར་ཁོ་སིའི་བུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
༄༅།། ཨ་རིའི་གཞུང་གིས་རླངས་འཁོར་ལ་རྡོ་སྣུམ་གྱི་ཚབ་ཏུ་གློག་གི་མེ་རྫས་བཀོལ་བྱ་རྒྱུ་དེར་ཨ་སྒོར་དུང་ཕྱུར་༣༡་འགྲོ་གྲོན་གཏོང་གི་ཡོད་ཅིང་། ཨ་རིའི་རྒྱལ་ནང་དུ་གློག་གི་རླངས་འཁོར་ལ་མཁོ་བའི་ཚད་ལྡན་གྱི་མེ་རྫས་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར།
༄༅།། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༡་ཉིན་འཁོར་སྐར་གྱིས་བརྙན་པར་བླངས་པར་གཞིགས་ཚེ། རྒྱ་ནག་གཞུང་གིས་ཧིན་བོད་ས་མཚམས་སུ་ཁེལ་བའི་ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་མ་ཟད། ཟམ་པ་དེ་འགྲུབ་གྲབས་ཡོད་པས་རྒྱ་གར་ལ་བློ་འཚབ་ཡོང་རྐྱེན་ཞིག་ཏུ་གྱུར་ཡོད་པའི་སྐོར།
༄༅།། རེས་གཟའ་ཕུར་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་མ་རི་ཨུ་པུལ་གྲོང་ཁྱེར་གྱི་དྭགས་ལྕགས་བཟོ་གྲྭ་དེར་ཡུཀ་རེན་གྱི་འཐབ་མོ་བ་རྣམས་སྐུང་ཡོད་པ་མཐའ་བསྐོར་དགོས་ཞེས་བཀའ་བཏང་ཡོད་ཅིང་།
༄༅།། གཟའ་ཉི་མའི་ཕྱི་དྲོར་བལ་ཡུལ་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་བལ་ཡུལ་ལ་འཛུགས་སྐྲུན་རོགས་དངུལ་ཨ་སྒོར་དུང་ཕྱུར་ལྔ་སྤྲོད་ཀྱི་ཡོད་པ་ལེན་དགོས་མིན་ཐད་ཡུན་རིང་རྩོད་གླེང་དང་ངོ་རྒོལ་ཤུགས་ཆེར་བྱུང་བའི་རྗེས་སུ་བལ་ཡུལ་གྲོས་ཚོགས་ཀྱིས་ཨ་རིའི་རོགས་དངུལ་ལེན་རྒྱུའི་ཆོག་མཆན་བཀོད་པའི་སྐོར།